ཞེས་བྱ་བ་ཞིག་འབྱུང་བར་བྱུར་ཏེ ། དེས་འདིར་བསྟན་པ་ལ་འཇུག་པར་འགྱུར་རོ་ཞེས་ལུང་བསྟན་ཏོ །། དེ་བས་ན་བྱ་ཁྱོད་ཀྱིས་བསྟན་པ་ལ་འཇུག་པར་བྱོས་ཤིག ། དེས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་སོ །། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པར་བརྕམས་པ་དང་ ། མ་ག་དྷ་པ་སྙང་རྗེས་ངུ་ཞིང་མགོན་པོ་ཆུར་གཤིགས་ཤིས ། སྤོང་བྱེད་པ་ཡང་སྙིང་རྗེས་ངུ་ཞིང་མགོན་པོ་ཚོར་གཤིགས་འབོད ། ཆུ་འགྲམ་དག་ན་སྐྱེ་བོ་གཉིས་ཀྱིས་ཚིག་བརྗོད་པ ། གསན་ནས་གློ་གྲོས་ཅན་གྱི་[ས་]སྔོན་གྱི [1] སྐུ་ནི་སོ་སོར་གྱས ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ལུས་བྱིན་གྱིས་བརླབས་ནས ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ ། མེ་ལ་ཆུས་གཏོར [2] བ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ནས ། ལུས་ཕྱེད་ནི་ཡངས་པ་ཅན་པས །། ལུས་ཕྱེད་ [3] ནི་རྒལ་པོ་མ་སྐྱེས་དགྲས་ཐོབ་ནས་སྨྲས་པ ། ཡེ་ཤེས་རྡོ་རྗེ་རྣོན་པོ་ཡོས །། རང་གི་ལུས་ཀྱི་རི[ས][4]་བཅོམ་སྟེ །། ཕྱེན་ནི་མི་ཡི་དབང་པོ་བྱིན །། ཕྱིད་ནི་ཐུབ་པས་ཚོགས་རྣམས་བྱིན ། དེ་ནས་ལི་ཙ་བྱི་རྣམས་ཀྱེས་ཡངས་པ་ཅན་དུ་སཆོད་རྟེན་བརྩིགས་ནས་བཞགགོ ། རྒྱལ་པོ་མ་སྐྱེས་དགྲས་ཀྱང་གྲོང་ཁྱེར་སྐྱ་སྣར་ཆན་གྱི་བྱང་མཆོད་རྟེན་བརྩིགས་ནས་
Page:Journal asiatique, série 6, tome 5-6.djvu/1124
Le texte de cette page a été corrigé et est conforme au fac-similé.
544
DÉCEMBRE 1865.